Song from Siyuewu Village

 

ཟི་ཡོ་བུའུ་སྡེ་བ་ནས་བསྡུས་པའི་གླུ།
སྡེ་བ་འདི་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཛམ་ཐང་རྫོང་གི་མངའ་ཁོངས་སུ་གཏོགས་ཤིང་།གླུ་ཕྱོགས་བསྒྲིགས་འདིའི་ནང་དུ་བཞོ་གླུ་ཞིག་དང་རྨི་ལམ་བརྟག་པའི་གླུ་ཞིགབཀྲ་ཤིས་བརྗོད་པའི་གླུ་ཞིག་བཅས་བསྡུས་ཡོད།ཕྱོགས་བསྒྲིགས་འདིས་ནི་སྡེ་བའི་རོལ་མོའི་རིག་གནས་ཀྱི་ཆ་ཙམ་ལས་མཚོན་མི་ཐུབ་ཅིང་སྡེ་བ་འདིར་ད་དུང་བསྟོད་གླུ་དང་མཛའ་གཞས། ཆོས་གླུ། ལོ་རྒྱུས་བརྗོད་པའི་གླུ། གཉིད་འགུག་གླུ། སྨོན་ལམ་བརྗོད་པའི་གླུ།སྐོར་བྲོའི་གླུ།དམངས་གླུ་སོགས་གླུ་སྣ་མི་གཅིག་པ་མང་པོ་ཡོད་ཅིང་། དེའི་ཁྲོད་ཀྱི་གཉིད་འགུག་གླུ་ནི་ཉམས་དམས་སུ་སོང་བ་ཆེས་ཚབ་ཆེ་བའི་གླུའི་གྲས་སུ་གཏོགས།འོ་མ་བཞོ་བའི་གླུ་དག་ནི་མ་ནས་བུ་མོར་བརྒྱུད་པ་སོགས་ཀྱི་ལམ་ནས་སྦྱངས་བཞིན་ཡོད་ཅིང་།གླུ་མ་འདིས་ཀྱང་རང་གི་རྨོ་མོའི་ངག་ནས་ལོ་བདུན་ཡས་མས་ཀྱི་སྐབས་ཏེ་མོ་རང་གིས་ཆེས་ཐོག་མར་བཞོན་མ་བཞོ་བའི་སྐབས་སུ་སྦྱངས་བར་བཤད།རྨི་ལམ་བརྟག་པའི་གླུ་དང་བཀྲ་ཤིས་བརྗོད་པའི་གླུ་སོགས་ནི་གང་སར་ལེན་ཆོོག་པ་ཞིག་ཡིན་ཞིང་ཤ་ཉེ་སྤུན་མཆེད་སོགས་ཀྱི་ངག་ནས་མི་རབས་ནས་མི་རབས་བར་བརྒྱུད་ཡོང་བ་ཞིག་རེད།ཁྱད་པར་དུ་བཀྲ་ཤིས་བརྗོད་པའི་གླུ་དག་ནི་གཉེན་སྟོན་སོགས་ཁྲོམ་ཚོགས་སུ་ལེན་པ་ཡིན་ཞིང་རྨི་ལམ་བརྟག་པའི་གླུ་འདི་ཡང་ཕྱུགས་ཟོག་འཚོ་བའི་སྐབས་དང་ཁྲོམ་ཚོགས་གང་རུང་དུ་ལེན་ཆོག་པ་ཞིག་རེད།
斯跃武村坐落于四川省阿坝藏羌自治州壤塘县浦西乡。

这里的歌曲集合主要有挤奶歌,用来预算未来的解梦歌曲以及预示吉祥的吉祥歌。这里的歌曲集合只是四月无村歌曲中的极小一部分,其它还有赞扬歌,情歌,宗教歌曲,历史歌曲,儿歌,幸运歌,藏族锅庄歌曲以及民谣等。儿歌是这其中最几近流失的歌曲之一。

挤奶歌是由母传女或姐妹间互相传授来传承下来的。此处的歌者是在七岁时从外婆那里学唱的这首歌曲。解梦歌曲和吉祥歌无任何禁忌,并且在亲属间代代相传。

吉祥歌通常会在宴会及婚礼庆典上吟唱,而解梦歌曲则在放牧或宴会时吟唱。

Our work is supported by United Board, The Bridge Fund, and the Alex Hillman Family Foundation.

Bookmark and Share Contact Us