Khams Praise Songs

Sichuan Praising Song 1

Sichuan Praising Song 2

Sichuan Praising Song 3

Praise songs are sung by men and women and are common throughout Khams, A mdo and Dbus gtsang. Sichuan Kham pa are especially fond of praise songs, which are sung to show respect to high religious figures, compliment surrounding areas, and praise livestock.

The performance practice of praise songs is devoid of taboos.

The singer of the second song presented here was born handicapped; as a child she had low self-confidence but the praise song taught to her by her mother gave her confidence. The lyrics particularly inspire her: “The cuckoo’s body is weak, however, it has a resonant voice that makes you want to take off your hat and listen. The horse is not strong, however, it has a steady pace that makes you want to relax the halter and gallop.”

ཁམས་ཀྱི་བསྟོད་གླུ་ཁག་ཅིག

བསྟོད་གླུ་ནི་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་ལ་ཕོ་མོ་གཉིས་ཀས་ཁྱད་མེད་དུ་ལེན་ཆོག་པའི་གླུའི་རིགས་ཤིག་ཡིན་ཞིང་། ཁྱད་པར་དུ་ཟི་ཁྲོན་ཁམས་ཕྱོགས་སུ་དར་ཁྱབ་ཤིན་ཏུ་ཆེ་བར་སྣང་། བསྟོད་གླུ་དག་གི་གླུ་ཚིག་ལ་གཙོ་བོར་བླ་མ་དཔོན་པོ་དང་རི་ཆུ་ནགས་གསུམ། སྒོ་ཕྱུགས་སོགས་ལ་བསྟོད་གླུ་འབུལ་བ་སོགས་ཡོད་པ་ཡིན་ལ་གླུ་འདིའི་རིགས་དུས་གནས་ངེས་མེད་དུ་བླངས་ཆོག་པར་སྣང་། གླུ་གཉིས་པ་ལེན་མཁན་གྱི་གླུ་མ་དེ་སྐྱེས་དུས་ནས་དབང་བོར་སྐྱོན་ཤོར་ཡོད་པ་ཞིག་ཡིན་པས་མོར་ཆུང་དུས་ནས་སྙིང་སྟོབས་དེ་འདྲ་མེད་ནའང་གླུ་ལེན་པ་དེས་མོ་ལ་སྤྲོ་སྣང་གང་མང་ཞིག་བསྩལ་མྱོང་བར་བརྗོད། གཤམ་དུ་མོའི་གླུ་ཚིག་དག་བཀོད་ཡོད།

ཤིང་ཤུག་པ་ཨ་ཁྲ་བ་ཁྲ་རེད།། བྱ་ཁུ་བྱུག་སྐུ་ལུས་ཆུང་ཆུང་རེད།། སྐུ་ཆུང་རུང་གསུང་སྐད་སྙན་མོ་རེད།། ཞྭ་ཕུད་ནས་ཉན་ཞེ་ཡོང་མོ་རེད།། ཐང་ཆེན་པོ་ཨ་ཁྲ་བ་ཁྲ་རེད།། རྟ་འདོ་བ་སྐུ་ལུས་ཆུང་ཆུང་རེད།། སྐུ་ཆུང་རུང་གོམ་པ་བདེ་མོ་རེད།། ཁ་ལྷོད་དེ་རྒྱུགས་ཞེ་ཡོང་མོ་རེད།། སྡེ་ཆེན་པོ་ཨ་ཁྲ་བ་ཁྲ་རེད།། སྐྱེ་ཤར་ལོ་སྐུ་ལུས་ཆུང་ཆུང་རེད།། སྐུ་ཆུང་རུང་གླུ་སྐད་སྙན་མོ་རེད།། ཁ་བགད་དེ་རྩེ་ཞེ་ཡོང་མོ་རེད།།

赞颂歌曲适合任何人吟唱,在康巴,安多及为藏地区都广为流传。其中四川康巴藏人尤其喜爱吟唱颂扬歌曲,通常会唱来表达对宗教领袖的尊崇,赞颂所处的环境以及赞扬牲畜。

传唱赞颂歌曲不含任何禁忌。

此处第二首歌曲的演唱者患有先天性残疾。由于自身的身体缺陷演唱者一度对自己感到非常自卑,可是从母亲那里学到这些颂扬歌曲给了她极大的勇气和自信。其中的歌词尤其给了她很大鼓舞,如:“杜鹃的身体虽很虚弱,但它那动听的歌声会不时想让你摘下帽子驻足聆听。虽然马儿并不强壮,可它那矫健的步伐会让你想即刻勒紧缰绳奔驰于天地之间。”

Our work is supported by United Board, The Bridge Fund, and the Alex Hillman Family Foundation

Leave a Reply

 

 

 

You can use these HTML tags

<a href="" title=""> <abbr title=""> <acronym title=""> <b> <blockquote cite=""> <cite> <code> <del datetime=""> <em> <i> <q cite=""> <strike> <strong>

Bookmark and Share Contact Us