Song From Shibao Village
Shibao Village is in Zongke Township, Rangtang County Aba Tibetan and Qiang Autonomous Prefecture. The songs in this collection represent only a small part of the song repertoire in Shibao Village. This repertoire includes: fables, praise songs, milking songs, dreaming songs (songs about dreams, which Tibetans regard as prophetic signs), history songs (songs about describing famous historical moments), auspicious songs (songs about describing propitious times), wedding songs, love songs, lullabies, propitious songs, religious songs, folk songs, and circle dance songs. Of all these genres, the most endangered are the propitious songs, lullabies, and praising songs, and it is these that we present here. Lullabies are mostly sung by women while taking care of the baby and it is a technique that Tibetan ancestors invented to sooth the baby into deep sleep. Praise songs are sung by both men and women to praise charming landscapes, livestock, and high status people. Propitious songs are also sung by both men and women to bless listeners with good fortunes. Such songs contain lyrics such as these: “The bottle is full of medicine, showing good fortune. The pot is full of milk, showing good fortune.”
གླུ་དབྱངས་འདི་དག་ནི་སྲི་པོ་སྡེ་བ་ནས་བཏུས་པིའ་གླུ་ཕྱོགས་སྒྲིག་དེའི་ཆ་ཤས་ཙམ་ཡིན་ཞིང་།གླུ་ཕྱོགས་སྒྲིག་དེའི་ནང་དུ་གནའ་གཏམ་དང་བསྟོད་གླུ།བཞོན་གླུ།བབས་གླུ།ལོ་རྒྱུས་གླུ་གཞས།ཤིས་གླུ།གཉེན་སྟོན་གླུ་གཞས།ལ་གཞས།གཉིད་འགུག་གླུ་་གཞས།བཀྲ་ཤིས་སྨོན་བརྗོད་གྱི་གླུ།ཆོས་གླུ།དམངས་གླུ།སྐོར་བྲོའི་གླུ་སོགས་འདུ་འོ།།གོང་དུ་སྨོས་པའི་གླུ་དེ་དག་གི་ནང་ནས་བཀྲ་ཤིས་སྨོན་བརྗོད་གྱི་གླུ་དང་དང་གཉིད་འགུག་གླུ།བསྟོད་གླུ་སོགས་ནི་ཉམས་དམས་ཚབས་་ཆེན་དུ་འགྲོ་བཞིན་པའི་གྲས་སུ་གཏོགས་སྟབས།དེ་དག་ང་ཚོས་འདིར་ཆེད་དུ་བཀོད་ཡོད།གཉིད་འགུག་གླུ་ནི་བུད་མེད་ཚོས་བྱིས་པ་གཉོར་སྐབས་ལེན་པ་ཞིག་ཡིན་ལ།ཁོ་ཚོས་དེ་ལ་བརྟེན་ནས་བྱིས་པ་གཉིད་དུ་སྐྱེ་ལ།བསྟོད་གླུ་ནི་ཕོ་མོ་གཉིས་ཀྱིས་ཁྱད་མེད་དུ་ལེན་པ་ཞིག་ཡིན་ཞིང་།གཙོ་བོ་རི་ཆུ་ནགས་་གསུམ་དང་བླ་དཔོན་སོགས་ལ་ཆེད་དུ་བསྟོད་པ་འབུལ་པའི་གླུ་གཞས་ཀྱི་རིགས་ཤིག་ཡིན།བཀྲ་ཤིས་སྨོན་བརྗོད་ཀྱི་་གླུ་འང་སྐྱེས་ཕོ་མོ་གཉིས་ཀྱིས་ཁྱད་མེད་དུ་ལེན་ལ་།གཅོ་བོ་ཉན་པ་པོར་་བཀྲ་ཤིས་སྨོན་འདུན་ཞུ་བའི་གླུའི་རིགས་ཤིག་གོ།གླུ་ཚིག་ལ་བདུད་རྩིས་བཀང་བའི་བུམ་པ།བཀྲ་ཤིས་མཚོན་པའི་རྟགས་ཡིན།།འོ་མས་བཀང་བའི་འོ་ཟངས།།བཀྲ་ཤིས་མཚོན་པའི་རྟགས་ཡིན་ཞེས་པ་སོགས་ཀྱིས་མཚོན་པའི་ཤིས་བརྗོད་ཀྱི་ནང་དོན་ཆེས་ཆེར་ལྡན་པ་མང་ངོ་།།
石宝村地处阿坝藏族羌族自治州的壤塘县。在此收集到的歌曲只占在石宝 村传唱歌曲中的一小部分。这些歌曲包括:寓言,颂歌,挤奶歌,(关于解梦的)歌曲,(解释重要历史事件的)史歌,(赞颂吉利时光的)吉祥歌, 婚礼歌, 情歌,摇篮曲,宗教歌曲, 民歌和锅庄歌曲。在所有的这些歌曲中,最濒临消失的是吉祥歌曲,摇篮曲,颂歌和在此收集到的这些歌曲。
摇篮曲大多是妇女们在带小孩时吟唱,是先辈们发明的一种安抚小孩入睡的方法。男女都可以唱颂歌,歌颂美丽的景色,牲畜以及尊贵的人物。吉祥歌曲也可以由男女双方吟唱,给听者祝福好运,歌词有诸如:“该瓶注满良药,预示良好的运气;水壶装满鲜奶,预示吉祥的财富。”
Our work is supported by United Board, The Bridge Fund, and the Alex Hillman Family Foundation.
